Vote for Karjam in the Independent Music Awards!

Karjam is one of five nominees in the section of "World Traditional" in the Independent Music Awards. The IMA has both an industry judge section (fingers crossed!) and a people's choice section. Please visit the site, register and vote for Karjam. While you are there, vote for music in other genres, too. It's a great way to get introduced to some awesome new music.  

World Traditional Album Nominees

Mailing List

Join the email list!

Like Karjam on Facebook

Karjam's "Drashi" on new Compilation CD

Friend and belly dance sensation April Rose compiled a CD of new music to do belly dance to~ check it out!

"Tibetan singing is otherworldly and transcendent, and Karjam’s voice floats like a prayer flag in the air." --Devon Leger

 After performing widely in Tibet and China for over fifteen years, singer, songwriter, musician and dancer Karjam Saeji began an exciting international solo career. His first solo CD, "Pilgrimage," brought together a selection of Tibetan traditional songs and Karjam's first original compositions with a slightly new-age feel. For his soon to be released second solo CD, "Tibet in My Heart," Karjam has prepared a wild and wide-ranging aural palate, incorporating acoustic instruments from Korea, Greece, India and the West yet simultaneously staying true to his Tibetan folk roots. Prepare to be entranced by Karjam's pure vocal talent and the unique creations of an uncompromising artist.

རུས་མིང་ལྟར་མཚེ་ཁྲ་སྐལ་བཟང་རྒྱ་མཚོ་ཟེར། ཡང་ན་སྐལ་རྒྱམ་ཡང་འབོད། ཕ་ཡུལ་ཨ་མདོ་རྨ་ཆུ་རྫོང་དཔལ་བན་ཡུལ་ཚོའི་འབྲོག་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་། ས་གནས་བོད་ཀྱིས་སློབ་གྲྭ་ཆུང་འབྲིང་བཏོན་རྗེས་ཀན་སུའུ་ཞིང་ཆེན་སྒྱུ་རྩལ་ཆེད་གཉེར་སློབ་གྲྭར་དང་ནུབ་བྱང་མི་རིགས་སློབ་ཆེན། གཞན་པེ་ཅིན་དང་ལན་ཀྲུའུ་སློབ་ཆེན་སོགས་ནས་རིག་གནས་སྣ་མང་སྦྱངས། ཀན་ལྷོ་ཁུལ་བོད་ཀྱི་ཟློས་གར་ཚོགས་པ་ནས་ལོ་ངོ་བཅོ་ལྔའི་རིང་བྱ་བར་ཞུགས། ༩༥ ལོར་སྒྲ་ཐག་༼ ཨ་མདོའི་བུ་མོ་ ༽དང་༼ ཀན་ལྷོའི་དཔྱིད་དཔལ་ ༽ཞེས་པ་གླུ་བ་ལྔའི་སྒྲ་བླངས་ནས་བཀྲམ། ༢༠༠༧ ལོར་ཨ་རིའི་ Washington State Lopez Artist Advance གླུ་བའི་འགྲན་སྡུར་ཐོག་ཨང་དང་པོས་བྱ་དགའ་ཨ་སྒོར་ཁྲི་གསུམ་ཐོབ། ཆེད་བསྒྲིགས་འཁོར་ཐག་༼ གནས་མཇལ་བ། Pilgrimage ༽ཟེར་བ་ཨ་རི་ནས་འགྲེམ་སྤེལ་བྱས། ཚིག་དང་དབྱངས་ཕལ་ཆེ་བ་རང་གིས་བརྩམས། ༢༠༠༨ ལོར་ Los Angeles ནས་ཚོགས་པས་ World Festival of Sacred Music རྒྱལ་སྤྱིའི་རོལ་དབྱངས་དུས་སྟོན་སྟེང་ཐེངས་དང་པོ་གདན་ཞུ་བྱས། ༢༠༡༡ ལོར་ཐེངས་གཉིས་བ་གདན་ཞུ་བྱས། ༢༠༠༩ ལོར་ The Just Plain Folks Music Awards ཟེར་བའི་རྒྱལ་སྤྱིའི་གཞས་པའི་འགྲན་ཚོགས་ཁྲོད་༼ གནས་མཇལ་བ། Pilgrimage ༽ཟེར་བའི་འཁོར་ཐག་ལ་ཨེ་ཤ་ཡའི་འཁོར་ཐག་གྲགས་ཤོས་ཀྱི་འོས་གཞིར་བདམས་པ་དང་། འཁོར་ཐག་དེ་ཡི་ནང་ནས་༼ དྲན་གླུ་དང་ངེད་གཉིས་ཀྱི་ལས་དབང་། ༽ གཉིས་ལ་ཨེ་ཤ་ཡའི་གཞས་སྣ་གྲགས་ཤོས་ཀྱི་འོས་གཞིར་ཀྱང་བདམས། གཞན་ Tibetan Music Awards ཁྲོད་ནས་ཆེས་བཟང་བའི་གླུ་ཡི་འོས་གཞིར་བདམས། ༢༠༡༠ ལོར་ལྷོ་ཁོ་རི་ཡའི་རྒྱལ་སྤྱིའི་ངོ་འབག་འཁྲབ་སྟོན་དུས་སྟོན་ཐོག་ཐེངས་གཉིས་བའི་གདན་ཞུ་བྱས། ༢༠༠༠ ལོར་ཐེངས་དང་པོའི་གདན་ཞུ་བྱས་མྱོང་། ༢༠༡༡ ལོར་ཆེད་བསྒྲིགས་འཁོར་ཐག་༼ སེམས་ནང་གི་བོད་ཡུལ། Tibet in my heart ༽ལྷོ་ཁོ་རི་ཡ་ནས་སྒྲ་བླངས་ཏེ་ཨ་རི་ནས་འགྲེམ་སྤེལ་བྱས། ༢༠༡༢ ལོར་ The independent music awards ཞེས་བས་རྒྱལ་སྤྱིའི་རོལ་དབྱངས་འགྲན་བསྡུར་ཐོག་ ༼ སེམས་ནང་གི་བོད་ཡུལ། Tibet in my heart ༽ འཁོར་ཐག་བཟང་ཤོས་ཀྱི་འོས་གཞིར་བདམས། ༢༠༠༧ ལོ་ནས་བཟུང་ཨ་རིའི་ Washington State ནས་བཅའ་སྡོད་བྱས་ཏེ་དུས་སྟོན་སྣ་ཚོགས་སྟེང་འཁྲབ་སྟོན་བྱེད་བཞིན་པ་ཡིན། 


 Tibetan language content available at this link.